This version of the page http://www.voatibetan.com/a/3565874.html (0.0.0.0) stored by archive.org.ua. It represents a snapshot of the page as of 2016-11-07. The original page over time could change.
ཧྥི་ལི་ཕིན་དང་ཨ་རི། སྲིད་འཛིན་ཌ་ཌར་ཐེའི་ཉི་ཧོང་གི་འཚམས་འདྲི།

ངོ་འཕྲད་བདེ་བའི་དྲ་འབྲེལ།

  • གཞུང་དངོས་ལ་ཐད་བསྐྱོད།
  • དཀར་ཆག་ལ་ཐད་བསྐྱོད།
  • ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
  • Tibetan English
སྐད་ཡིག
འཛམ་གླིང་།

ཧྥི་ལི་ཕིན་དང་ཨ་རི། སྲིད་འཛིན་ཌ་ཌར་ཐེའི་ཉི་ཧོང་གི་འཚམས་འདྲི།


  • ངོ་དེབ་ཐོག་ལ་འགྲེམ་སྤེལ།
  • ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ།
  • Google+ཐོག་ལ་འགྲེམ་སྤེལ།
  • དྲ་གྲོགས་ལ་གློག་འཕྲིན་གཏོང་བ།

བདུན་ཕྲག་སྔོན་མར་ཧྥི་ལི་ཕིན་གྱི་སྲིད་འཛིན་ཌ་ཌར་ཐེ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཧྥི་ལི་ཕིན་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱི་མཐུན་གྲོགས་བསྒྲིག་རྒྱུ་ཡིན། ཨ་མི་རི་ཀ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་ཁ་འཐོར་བྱ་དགོས་ཞེས་ཕྱོགས་གཉིས་ཀྱི་འབྲེལ་བ་འགལ་ཟླ་སློང་བའི་གཏམ་བཤད་ལན་མང་བྱས་མོད། འོན་ཀྱང་ད་ལྟ་ཧྥི་ལི་ཕིན་གྱི་སྲིད་འཛིན་ཌ་ཌར་ཐེ་ཉི་ཧོང་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཀྲོག་ཁིའོ་རྒྱལ་སྤྱིའི་གནམ་ཐང་དུ་གསར་འགོད་པ་ཚོར་བཤད་པ་ཚོར་ཨ་མི་རི་ཀ་དང་ཧྥི་ལི་ཕིན་གཉིས་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་མཐུན་གྲོགས་ཡིན་པ་དེར་འགྱུར་བ་མེད། ཧྥི་ལི་ཕིན་གྱིས་རྒྱལ་ཁབ་གཞན་ཞིག་ལ་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་མཐུན་གྲོགས་གསར་པ་ཞིག་བསྒྲིག་དགོས་དོན་མེད་ཅེས་བཤད་བྱས་ཡོད་ཅིང་། ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེས་ཧྥི་ལི་ཕིན་གྱི་སྲིད་འཛིན་ཌ་ཌར་ཐེའི་གཏམ་བཤད་ལ་དགའ་བསུ་ཞུས་པ་མ་ཟད། ཤཱིང་ཟོ་ཨ་བྷེས་ཉི་ཧོང་དང་ཧྥི་ལི་ཕིན་གྱི་འབྲེལ་བ་སྔར་ལས་དམ་ཟབ་གཏོང་རྒྱུ་དང་། ཉི་ཧོང་གིས་ཨ་མི་རི་ཀ་དང་ཧྥི་ལི་ཕིན་གཉིས་ལ་འགལ་ཟླ་བྱུང་བ་དེར་མངོན་གསལ་དོད་པས་བར་འདུམ་བྱ་རྩིས་མེད་རུང་། ཨེ་ཤི་ཡའི་བདེ་འཇགས་ལ་ཨ་མི་རི་ཀ་གནད་འགག་ཆེན་པོ་ཡིན་པ་ཧྥི་ལི་ཕིན་གྱི་སྲིད་འཛིན་ལ་འགྲེལ་བཤད་གསལ་བོ་ཞིག་རྒྱག་འཆར་ཡོད་པ་རེད།།

Back to top
XS
SM
MD
LG