Below is the text of the page https://www.voatibetan.com/a/3218187.html stored 2016-03-28 by archive.org.ua. The original page over time could change. View as original html

བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱིས་ཉེས་ཆད་སྣོན་མ།

ངོ་འཕྲད་བདེ་བའི་དྲ་འབྲེལ། གཞུང་དངོས་ལ་ཐད་བསྐྱོད། [#content] དཀར་ཆག་ལ་ཐད་བསྐྱོད། ཐད་ཀར་འཚོལ་ཞིབ་ལ་བསྐྱོད། འཚོལ། Tibetan English འཚོལ། སྐད་ཡིག སྔོན་མ། རྗེས་མ། 0 Breaking News སྔོན་མ། རྗེས་མ། 0 ྆྆྆རླུང་འཕྲིན་ཐད་གཏོང་། འཛམ་གླིང་། བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱིས་ཉེས་ཆད་སྣོན་མ། 2016.03.04 འགྲེམ་སྤེལ། ངོ་དེབ་ཐོག་ལ་འགྲེམ་སྤེལ། ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ། Google+ཐོག་ལ་འགྲེམ་སྤེལ། དྲ་གྲོགས་ལ་གློག་འཕྲིན་གཏོང་བ། ཉེ་ཆར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པ་དང་། ད་དུང་བར་སྣང་ཁམས་ལ་འཁོར་སྐར་བཏང་ནས་མེ་ཤུགས་འཕུར་མདའ་ཞིག་ལའང་ཚོད་ལྟ་བྱས་པས། ཨ་མི་རི་ཀ་དང་རྒྱ་ནག་གིས་དུས་ཡུན་ཟླ་བ་གཉིས་ལྷག་ལ་གྲོས་བསྡུར་བྱས་ཏེ། དེ་རིང་གཟའ་ཕུར་བུའི་ཉིན་རྒྱ་ནག་དང་ཨ་མི་རི་ཀ་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་སྣོན་མ་འགེལ་རྒྱུའི་གྲོས་མཐུན་བྱུང་ཡོད་ཅིང་། རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་ཆོད་གསར་པ་དེར་བྱང་ཀོ་རི་ཡའི་གྲུ་གཟིངས་ཁག་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་མངའ་ཁོངས་སུ་འཛུལ་ཚེ། འབྲེལ་ཡོད་རྒྱལ་ཁབ་དེ་ཉིད་ཀྱིས་བྱང་ཀོ་རི་ཡའི་གྲུ་གཟིངས་དེར་སྔོག་བཤེར་བྱས་ནས་དངོས་ཟོག་ཅི་ཞིག་སྐྱེལ་འདྲེན་བྱེད་ཀྱི་ཡོད་མེད་བལྟ་དགོས་པ་དང་། ལྷག་པར་དུ་བྱང་ཀོ་རི་ཡའི་དམག་དོན་ལ་འགྲོ་གྲོན་གཏོང་སྤྱད་རྡོ་སོལ་དང་གསེར། དེ་མིན་གྱི་དངོས་ཟོག་རྣམས་ཕྱིར་ཚོང་བྱེད་ཀྱི་ཡོད་པ་རྩད་གཅོད་ཐུབ་ན་བྱང་ཀོ་རི་ཡའི་གྲུ་གཟིངས་དེ་དག་བཀག་འགོག་བྱ་དགོས་ཞེས་ཐག་གཅོད་བྱས་ཡོད་པ་རེད། ། བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱིས་ཉེས་ཆད་སྣོན་མ། (3:38) Get Adobe Flash Player བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱིས་ཉེས་ཆད་སྣོན་མ། ▶ 0:00:00 ▶ ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ། MP3 - 128 kbps | 3.3MB none - 384 kbps | 10.0MB MP3 - 32 kbps | 853.3kB གསན་གཟིགས་གནང་ས། Back to top རྗེས་འབྲངས། ང་ཚོར་འབྲེལ་བ་གནང་ན། གསར་འགྱུར་ཁག བོད། རྒྱ་ནག ཨ་རི། འཛམ་གླིང་། དྲ་རྙན། ཀུན་གླེང་། གསར་འགྱུར། དྲ་སྣང་གི་བོད། དྲ་བརྙན་གླེང་མོལ། རླུང་འཕྲིན་ལེ་ཚན། སྔ་དྲོའི་གསར་འགྱུར། ཉིན་གུང་གི་གསར་འགྱུར། བོད་མའི་གནད་དོན། དགོང་དྲོའི་གསར་འགྱུར། XS SM MD LG