This version of the page http://www.voatibetan.com/a/3620694.html (0.0.0.0) stored by archive.org.ua. It represents a snapshot of the page as of 2017-01-04. The original page over time could change.
རྒྱ་ནག་གཞུང་གིས་ཡུ་གུར་པའི་ཕྱི་སྐྱོད་ལག་འཁྱེར་ཕྱིར་བསྡུ།

ངོ་འཕྲད་བདེ་བའི་དྲ་འབྲེལ།

  • གཞུང་དངོས་ལ་ཐད་བསྐྱོད།
  • དཀར་ཆག་ལ་ཐད་བསྐྱོད།
  • ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
  • Tibetan English
སྐད་ཡིག
རྒྱ་ནག

རྒྱ་ནག་གཞུང་གིས་ཡུ་གུར་པའི་ཕྱི་སྐྱོད་ལག་འཁྱེར་ཕྱིར་བསྡུ།


  • ངོ་དེབ་ཐོག་ལ་འགྲེམ་སྤེལ།
  • ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ།
  • Google+ཐོག་ལ་འགྲེམ་སྤེལ།
  • དྲ་གྲོགས་ལ་གློག་འཕྲིན་གཏོང་བ།

རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནམ། ཡང་ན་ཞིན་ཅང་གི་ཁ་ཆེ་ཡུ་གར་པའི་ཕྱི་སྐྱོད་ལག་འཁྱེར་ཁག་ཅིག་ཕྱིར་བསྡུ་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པར་གཞིགས་ན་རྒྱ་ནག་གཞུང་གིས་འདི་ལོ་ཟླ་བ་བཅུ་པ་ནས་འགོ་བཙུགས་ཏེ། ཡུ་གུར་པའི་ཕྱི་སྐྱོད་ལག་འཁྱེར་བཙན་འཕྲོད་བྱེད་བཞིན་ཡོད་ལུགས་ས་གནས་མི་མང་གིས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་དང། ས་གནས་ཀྱི་ཉེན་རྟོག་ལས་ཁང་དང་རྫོང་སྲིད་གཞུང་ཁག་གིས་ཀྱང་བཀའ་ཁྱབ་དེ་འདྲ་ཞིག་གསལ་བསྒྲགས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་པ་མ་ཟད། ཞིན་ཅང་གི་ས་གནས་མ་འདྲ་བ་ཁག་བཞིའི་ས་གནས་ཉེན་རྟོག་ལས་ཁང་གིས་མི་མང་ལ་བརྡ་ཁྱབ་ཞིག་བཏང་སྟེ། བརྡ་ཁྱབ་དེའི་ཁག་ཅིག་དྲ་རྒྱའི་ནང་དུ་མཐོང་རྒྱུ་ཡོད་པ་དང། ས་གནས་ཡུ་གུར་མི་མང་གིས་རང་གི་ཕྱི་སྐྱོད་ལག་འཁྱེར་གཞུང་ལ་རྩིས་སྤྲོད་བྱེད་དགོས་པའམ། ཡང་ན་ཕྱི་སྐྱོད་ལག་འཁྱེར་གསར་པ་མཁོ་སྤྲོད་བྱེད་ཀྱིན་མི་འདུག་ཅེས་སྲིད་གཞུང་ལ་སྐྱོན་བརྗོད་དང་ཞིན་ཅང་ས་ཁུལ་གྱི་གྲོང་ཁྱེར་དང་རྫོང་མང་པོ་ཞིག་གི་མི་མང་གིས་སྡུག་སྐད་རྒྱག་བཞིན་ཡོད་པ་རེད།།

Back to top
XS
SM
MD
LG