This version of the page http://www.voatibetan.com/a/3611746.html (0.0.0.0) stored by archive.org.ua. It represents a snapshot of the page as of 2017-01-04. The original page over time could change.
རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ཞིག་གར་སོང་དུ་གྱུར་ཡོད་པ།

ངོ་འཕྲད་བདེ་བའི་དྲ་འབྲེལ།

  • གཞུང་དངོས་ལ་ཐད་བསྐྱོད།
  • དཀར་ཆག་ལ་ཐད་བསྐྱོད།
  • ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
  • Tibetan English
སྐད་ཡིག
རྒྱ་ནག

རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ཞིག་གར་སོང་དུ་གྱུར་ཡོད་པ།


  • ངོ་དེབ་ཐོག་ལ་འགྲེམ་སྤེལ།
  • ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ།
  • Google+ཐོག་ལ་འགྲེམ་སྤེལ།
  • དྲ་གྲོགས་ལ་གློག་འཕྲིན་གཏོང་བ།

རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ཁྲིམས་རྩོད་པ་ཅང་ ཏེན་ཡུང་ རེས་གཟའ་ཟླ་བའི་ཉིན་ནས་བཟུང་དེ་ གར་སོང་ཆ་མེད་དུ་གྱུར་ཏེ་ ད་ལྟ་གང་དུ་ཡོད་མེད་སུས་ཀྱང་ཤེས་རྟོགས་མེད་པར་གྱུར་ཡདོ་འདུག་ དེ་ཡང་ ཁོང་གི་བཟའ་ཟླ་ཅིན་ བྷི་འན་ལཱིང་གིས་གསར་འགོད་པར་བརྗོད་དོན་ལྟར་ན་ ཅང་ ཏེན་ཡུང་ གཞུང་གི་དོ་དམ་འོག་ཡོད་པའི་ཁྲིམས་རྩོད་པ་ཤཱ་ ཡང་གི་ནང་མི་ཐུག་འཕྲད་བྱེད་པར་ དབུས་ཕྱོགས་ཧུ་ནཱན་ཞིང་ཆེན་གྱི་གྲོང་ཁྱེར་ཅང་ཤཱ་ལ་ རེས་གཟའ་ཟླ་བའི་ཉིན་ཐོན་ཏེ་ དེ་ཉིན་མཚན་མོ་ མེ་འཁོར་ནང་པེ་ཅིང་ལ་ཕྱིར་ལོག་བྱ་རྒྱུ་བྱས་ཡོད་པ་མ་ཟད་ ད་དུང་གྲོགས་པོ་ཞིག་ལ་དེ་ཉིན་དགོང་དྲོའི་ཆུ་ཚོད་༡༠དང་སྐར་མ་༢༢ཙམ་ཞིག་ལ་གློག་འཕྲིན་ཞིག་བཏང་སྟེ་ པེ་ཅིང་ལ་ཡོང་མཁན་གྱི་མེ་་འཁོར་དེ་ དགོང་དྲོའི་ཆུ་ཚོད་༡༠དང་ སྐར་མ་༥༣ལ་ཅིང་ཤཱ་ནས་ཐོན་ཏེ་ པེ་ཅིང་ལ་སྔ་དྲོའི་ཆུ་ཚོད་༦དང་ཕྱེད་ཀ་ལ་འབྱོར་གྱི་འདུག་པ་དེའི་ནང་རང་ཉིད་ཡོང་གི་ཡོད་ཅེས་བརྗོད་ཡོད་པ་རེད་ འོན་ཀྱང་ དེ་ནས་བཟུང་དེ་ ཁོང་གར་སོང་ཆ་མེད་དུ་གྱུར་ཏེ་ དགའ་ཉེ་གྲོགས་པོ་དང་ ཉེ་འདུ་གཉེན་ཚན་བཅས་ཚང་མས་རྩད་གཅོད་རྒྱ་ཆེ་བྱས་ཀྱང་ ད་ལྟའི་འཆར་ཁོང་གང་དུ་ཡོད་དང་ ག་རེ་བྱས་པ་ཡིན་ཤེས་རྟོགས་རྩ་བ་ནས་ཐུབ་ཀྱི་མེད་པ་རེད།

Back to top
XS
SM
MD
LG