This version of the page http://www.voatibetan.com/a/3602609.html (0.0.0.0) stored by archive.org.ua. It represents a snapshot of the page as of 2016-12-02. The original page over time could change.
སྲིད་འཛིན་ཨོ་བྷ་མ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཐུག་འཕྲད།

ངོ་འཕྲད་བདེ་བའི་དྲ་འབྲེལ།

  • གཞུང་དངོས་ལ་ཐད་བསྐྱོད།
  • དཀར་ཆག་ལ་ཐད་བསྐྱོད།
  • ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
  • Tibetan English
སྐད་ཡིག
ཨ་རི།

སྲིད་འཛིན་ཨོ་བྷ་མ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཐུག་འཕྲད།


  • ངོ་དེབ་ཐོག་ལ་འགྲེམ་སྤེལ།
  • ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ།
  • Google+ཐོག་ལ་འགྲེམ་སྤེལ།
  • དྲ་གྲོགས་ལ་གློག་འཕྲིན་གཏོང་བ།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ལ་འཚམས་འདྲིར་ཕེབས་ནས་འཇར་མན་ཎི་དང་དབྱིན་ཇི། ཧྥ་རན་སི་དང་ཨི་ཊི་ལི། སི་པེན་བཅས་ཀྱི་འགོ་ཁྲིད་ཚོར་ཐུག་འཕྲད་བྱས་ཏེ། ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་ཕྱོགས་ལ་གྲོས་མོལ་ལྷུག་པོ་བྱས་པ་དང་། ད་ཐེངས་ཀྱི་འཚམས་འདྲི་འདི་སྲིད་འཛིན་ཨོ་བྷ་མ་འཕོ་འགྱུར་མ་སོང་གོང་དུ་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱུང་བ་མཐའ་མ་དེ་ཡིན་སྲིད་ཅིང་། ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་ལ་སྔར་བཞིན་ཨ་མི་རི་ཀས་འཛམ་གླིང་ལ་སྣེ་ཁྲིད་བྱེད་པའི་ལས་འགན་ཁུར་འདོད་ཡོད་མེད་ཚོད་དཔག་མ་ཐུབ་པར་བློ་འཚབ་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མས་ཐེངས་འདིའི་འཚམས་འདྲི་བརྒྱུད་ནས་འཇར་མན་ཎིའི་གཞུང་དང་འཇར་མན་མི་དམངས། ད་དུང་ཡུ་རོབ་པ་མི་དམངས་བཅས་ལ་ཨ་མི་རི་ཀས་སྔར་བཞིན་འཛམ་གླིང་གི་ལས་དོན་ཁག་ལ་དོ་ཁུར་མཉམ་ལེན་བྱ་རྒྱུ་ཡིན་ཞེས་བློ་སེམས་བདེ་ལ་འགོད་ཐབས་བྱས་ཡོད་པ་རེད།

Back to top
XS
SM
MD
LG