This version of the page http://www.voatibetan.com/a/3579447.html (0.0.0.0) stored by archive.org.ua. It represents a snapshot of the page as of 2016-12-02. The original page over time could change.
སྲོག་ཤིང་འགོ་ཁྲིད་ཀྱིས་ཏང་གི་ནང་ཁུལ་ལ་ཤོག་ཁག་ཚུགས་སྲིད་ཟེར།

ངོ་འཕྲད་བདེ་བའི་དྲ་འབྲེལ།

  • གཞུང་དངོས་ལ་ཐད་བསྐྱོད།
  • དཀར་ཆག་ལ་ཐད་བསྐྱོད།
  • ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
  • Tibetan English
སྐད་ཡིག
རྒྱ་ནག

སྲོག་ཤིང་འགོ་ཁྲིད་ཀྱིས་ཏང་གི་ནང་ཁུལ་ལ་ཤོག་ཁག་ཚུགས་སྲིད་ཟེར།


  • ངོ་དེབ་ཐོག་ལ་འགྲེམ་སྤེལ།
  • ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ།
  • Google+ཐོག་ལ་འགྲེམ་སྤེལ།
  • དྲ་གྲོགས་ལ་གློག་འཕྲིན་གཏོང་བ།

ཞིས་ཅིན་ཕིང་གིས་༢༠༡༢་ལོར་སྲིད་དབང་བཟུང་བའི་རྗེས་སུ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ལས་འགུལ་ཞིག་སྤེལ་པ་དང་། བདུན་ཕྲག་སྔོན་མར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་༡༨་པའི་ཚང་འཛོམས་གྲོས་ཚོགས་ཐེངས་༦་པ་ཚོགས་ཏེ། ཞིས་ཅིན་ཕིང་ལ་རྒྱ་ནག་གི་སྲོག་ཤིང་འགོ་ཁྲིད་ཀྱི་མཚན་གནས་ཕུལ་ཡོད་ཅིང་། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཞིས་ཅིན་ཕིང་ལ་སྲོག་ཤིང་འགོ་ཁྲིད་ཅེས་མིང་འབོད་བྱ་རྒྱུ་འགོ་ཚུགས་ཡོད་པས། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་ལས་འགུལ་འདི་འཕེལ་རིམ་གསར་པ་ཞིག་ལ་སླེབས་རྒྱུ་ཡིན་པ་དང་། སྐབས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་དྲང་སྙོམས་མིན་པ་དང་སྤྲེལ་ལད་འཁྲབ་པ། ཤོག་ཁག་སྒྲིག་པ་དང་ལྐོག་གཡོ་ངན་ཇུས་གཤོམ་པ། གཡོ་ཁྲམ་བྱས་པ་བཅས་ལ་བཟོད་སྒོམ་ཏིལ་འབྲུ་ཙམ་ཡང་བྱ་རྒྱུ་མིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་དེ་ལ་བལྟས་ཚེ། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་སྔོན་ལས་ངར་ཤུགས་ཆེ་རུ་གཏོང་སྲིད་པའི་རྣམ་པ་ཞིག་ཐོན་ཡོད་པ་རེད།

Back to top
XS
SM
MD
LG