This version of the page http://www.voatibetan.com/a/3478967.html (0.0.0.0) stored by archive.org.ua. It represents a snapshot of the page as of 2016-09-18. The original page over time could change.
ཨི་ཊ་ལིའི་ནང་ཤིན་ཏུ་གནོད་ཚབས་ཆེ་བའི་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་བ།

ངོ་འཕྲད་བདེ་བའི་དྲ་འབྲེལ།

  • གཞུང་དངོས་ལ་ཐད་བསྐྱོད།
  • དཀར་ཆག་ལ་ཐད་བསྐྱོད།
  • ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
  • Tibetan English
སྐད་ཡིག
འཛམ་གླིང་།

ཨི་ཊ་ལིའི་ནང་ཤིན་ཏུ་གནོད་ཚབས་ཆེ་བའི་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་བ།


  • ངོ་དེབ་ཐོག་ལ་འགྲེམ་སྤེལ།
  • ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ།
  • Google+ཐོག་ལ་འགྲེམ་སྤེལ།
  • དྲ་གྲོགས་ལ་གློག་འཕྲིན་གཏོང་བ།

རེས་གཟའ་ལྷག་པའི་ཐོ་རེངས་ཙམ་ལ་ཨི་ཊ་ལིའི་དབུས་ཀྱི་རི་བརྒྱུད་ས་ཁུལ་ཞིག་ལ་ཤིན་ཏུ་གནོད་ཚབས་ཆེ་བའི་ས་ཡོམ་གྱི་གོད་ཆགས་བྱུང་འདུག་པ་དང་། ད་བར་གནས་ཚུལ་ཐོན་པར་གཞིག་ན་མི་གྲངས་བརྒྱ་ལྷག་ཙམ་ལ་སྲོག་སྐྱོན་དང་གཞན་མང་པོ་གར་སོང་མེད་པར་འགྱུར་ཡོད་པའི་འགྲེལ་བརྗོད་བྱས་འདུག་པ་དང་། ད་དུང་འཆི་རྨས་ཀྱི་གྲངས་ཚད་འཕར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ས་ཡོམ་གྱི་གོད་ཆག་དེ་བྱུང་སྐབས་མི་རྣམས་གཉིད་ཁུག་བསྡད་པའི་དུས་ལ་བྱུང་འདུག ཨི་ཊ་ལིའི་རྒྱལ་ས་རོམ་ནས་རྒྱང་ཚད་ཀི་ལོ་མི་ཌར་ ༡༤༠ མཚམས་སུ་ཡོད་པའི་གྲོང་ཁྱེར་དང་གྲོང་གསེབ་མང་པོའི་ནང་ཁང་པ་དང་ལམ་ཁ་སོགས་ལ་གནོད་སྐྱོན་ཚབས་ཆེན་པོ་བྱུང་འདུག་ཅིང་། ཛ་དྲག་ལས་དོན་རུ་ཁག་གིས་གནམ་ཐོག་ནས་དཔར་ལེན་པར་གཞིགས་ན་ ཨ་མ་ཏྲིས་གྲོང་ཁྱེར་ཡོངས་སུ་རྩ་མེད་བཟོས་པ་མཐོང་རྒྱུ་འདུག་པ་དང་། ཁང་པའི་རྡོ་རོ་སོགས་ཀྱིས་ཉེ་འཁོར་ས་གནས་ཨ་ཀ་མོ་ལིའི་ལམ་ཆེན་ཡོངས་སུ་ཁེངས་འདུག་ཅེས་འགྲེལ་བརྗོད་བྱས་འདུག

Back to top
XS
SM
MD
LG