This version of the page http://www.voatibetan.com/a/3403446.html (0.0.0.0) stored by archive.org.ua. It represents a snapshot of the page as of 2016-07-29. The original page over time could change.
བྷང་ལཱ་དྷྴེ་ནང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བར་མྱ་ངན་ཞུས་ཡོད་པ།

ངོ་འཕྲད་བདེ་བའི་དྲ་འབྲེལ།

  • གཞུང་དངོས་ལ་ཐད་བསྐྱོད།
  • དཀར་ཆག་ལ་ཐད་བསྐྱོད།
  • ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
  • Tibetan English
སྐད་ཡིག
འཛམ་གླིང་།

བྷང་ལཱ་དྷྴེ་ནང་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བར་མྱ་ངན་ཞུས་ཡོད་པ།


  • ངོ་དེབ་ཐོག་ལ་འགྲེམ་སྤེལ།
  • ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ།
  • Google+ཐོག་ལ་འགྲེམ་སྤེལ།
  • དྲ་གྲོགས་ལ་གློག་འཕྲིན་གཏོང་བ།

ལྷོ་ཨེ་ཤི་ཡེའི་རྒྱལ་ཁབ་བྷང་ལཱ་དྷྴེ་ཡི་རྒྱལ་སའི་ནང་ ཕྱི་རྒྱལ་གྱི་མིས་ཁེངས་པའི་ཟ་ཁང་ཞིག་ལ་ ཁ་ཆེ་མཐར་ལྷུང་དྲག་སྤྱོད་པས་བསྟོར་རྒོལ་བཏང་སྟེ་ མི་གྲངས་ཉི་ཤུ་ཐམ་པ་གདུག་རྩུང་ཧ་ཅང་ཆེན་པོ་བྱས་ཏེ་དམར་བསད་བཏང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་ཡོད་སྟབས་ ད་ཆ་ཡུལ་དེའི་ནང་རེས་གཟའ་ཉི་མའི་ཉིན་ནས་འགོ་འཛུགས་ཀྱིས་དུས་ཡུན་ཉིན་གྲངས་གཉིས་ཀྱི་རིང་ རྒྱལ་ཡོངས་མྱ་ངན་གྱི་ཉིན་མོར་ངོས་འཛིན་བྱས་ཏེ་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད་ དེ་ཡང་ ཕྱི་ཟླ་༧པའི་ཚེས་༡ རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོ་ རྣམ་ཀུན་ཕྱི་མི་མང་པོ་འདུ་འཛོམས་བྱ་ཡུལ་རྒྱལ་ས་ཌ་ཀེའི་ནང་ཡོད་པའི་ཨར་ཊི་སཱན་ བྷེ་ཀི་རི་ ཀཱེ་ཕྷེ་ཟ་ཁང་གི་ནང་ གློ་བུར་དུ་མེ་མདའ་དང་ ལག་སྦམ་སོགས་མཚོན་ཆ་ཕོན་ཆེ་འཁྱེར་བའི་དྲག་སྤྱོད་པ་ཚོ་ཁག་ཅིག་འཛུལ་ཏེ་ དེའི་ནང་ཡོད་པའི་མི་ཚང་མ་བཙན་ཉར་བྱས་ཏེ་ མཐར་མང་ཆེ་བ་རྒྱལ་ཁབ་གཞན་ནས་ཡིན་པའི་མི་གྲངས་༢༠ཐམ་པ་དམར་བསད་བཏང་ཡོད་པ་དེ་དག་གི་ཁོངས་ནས་མང་ཆེ་བ་ཞིག་ལ་གྲི་བརྒྱབས་ཏེ་གདུག་རྩུབ་ཧ་ཅང་པོས་དམར་བསད་བཏང་ཡོད་པ་དང་ དེ་ནས་ཆུ་ཚོད་༡༢མིན་ཙམ་ཞིག་སོང་བའི་རྗེས་སུ་གཞུང་གི་དམག་མིས་དྲག་སྤྱོད་པ་དེ་དག་ལ་ཕར་རྒོལ་བྱས་ཏེ་ དྲག་སྤྱོད་པ་༦བསད་པ་དང་གཅིག་འཇུ་བཟུང་བྱས་ཡོད་པ་རེད།

Back to top
XS
SM
MD
LG