This version of the page http://www.voatibetan.com/a/3419711.html (0.0.0.0) stored by archive.org.ua. It represents a snapshot of the page as of 2016-07-28. The original page over time could change.
ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་ཎི་སི་གྲོང་ཁྱེར་ལ་གཏོར་རྒོལ།

ངོ་འཕྲད་བདེ་བའི་དྲ་འབྲེལ།

  • གཞུང་དངོས་ལ་ཐད་བསྐྱོད།
  • དཀར་ཆག་ལ་ཐད་བསྐྱོད།
  • ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
  • Tibetan English
སྐད་ཡིག
འཛམ་གླིང་།

ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་ཎི་སི་གྲོང་ཁྱེར་ལ་གཏོར་རྒོལ།


  • ངོ་དེབ་ཐོག་ལ་འགྲེམ་སྤེལ།
  • ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ།
  • Google+ཐོག་ལ་འགྲེམ་སྤེལ།
  • དྲ་གྲོགས་ལ་གློག་འཕྲིན་གཏོང་བ།

ཕྱི་ཟླ་༧་ཚེས་༡༤་ཉིན་ཡུ་རོབ་རྒྱལ་ཁབ་ཧྥ་རི་སི་ལ་བྷ་སི་ཊིལ་བཙོན་ཁང་གཏོར་བཅོམ་བྱས་པའི་ཉིན་མོ་ཡིན་པ་དང་། བྷ་སི་ཊིལ་བཙོན་ཁང་ལ་གཏོར་བཅོམ་བྱས་ནས་ཧྥ་རན་སིའི་གསར་བརྗེ་མགོ་བརྩམས་ཏེ། འདས་པའི་ལོ་༢༠༠་ལྷག་ལ་ལོ་ལྟར་ཧྥ་རན་སི་རྒྱལ་ཡོངས་སུ་ཕྱི་ཟླ་༧་ཚེས་༡༤་ཉིན་མི་དམངས་མཐུན་སྒྲིལ་གྱི་རྒྱལ་ཡོངས་དུས་ཆེན་སྲུང་བརྩི་ཞུས་ཏེ། དམག་གི་རུ་སྒྲིག་བྱས་པ་དང་ཤོག་སྦག་བརྒྱབ་པ། ཧྥ་རན་སི་རྒྱལ་ཡོངས་སུ་གུང་སེང་གི་ཉིན་མོ་ཞིག་ཡིན་རུང་། མདང་དགོང་ཧྥ་རན་སིའི་ལྷོ་ཕྱོགས་སུ་ཆགས་པའི་མཚོ་ཁའི་ཎི་སི་གྲོང་ཁྱེར་ལ་ལོ་ན་༣༡་ལ་སོན་པའི་ཧྥ་རན་སིའི་མི་དམངས་ཡིན་པ་ཐུ་ཎི་ཤི་ཡ་པ་ཞིག་གིས་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་བྱས་ཡོད་ཅིང་། ཐོག་མར་ཁོ་པས་མི་ཚོགས་དུ་མེ་མདའ་བརྒྱབ་པ་དང་དེ་ནས་མི་ཚོགས་ཁྲོད་དུ་དོ་སྐྱེལ་རླངས་འཁོར་དཀར་པོ་ཞིག་བཏང་ནས་མི་ལ་རྡུང་ག་བརྒྱབ་པ་དང་རླངས་འཁོར་འོག་ཏུ་བརྫིས་པ། མི་ལ་རྡོག་རྫི་ཐེབས་པ་སོགས་མི་༨༤་བསད་པ་དང་མི་༡༠༠་སྐོར་ཞིག་ལ་རྨས་སྐྱོན་ཕོག་འདུག ད་ལྟ་ཧྥ་རན་སི་གཞུང་གིས་ཧྥ་རན་སིའི་སྤྱི་དམངས་ཡིན་པའི་ཐུ་ཎི་ཤི་ཡ་པ་དེར་རྒྱབ་སྐྱོར་པ་སུ་སུ་ཡོད་མེད། ཁོ་པ་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ལ་འབྲེལ་བ་ཡོད་མེད། མདང་དགོང་གི་དགའ་སྟོན་སྐབས་སུ་གཞུང་ལམ་ཐོག་ཏུ་དོ་སྐྱེལ་རླངས་འཁོར་འགྲོ་མི་ཆོག་ས་དེར་དོ་སྐྱེལ་རླངས་འཁོར་ཇི་ལྟར་ཐར་པ་ཡིན་མིན་བཅས་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད།།

Back to top
XS
SM
MD
LG