This version of the page http://www.voatibetan.com/a/3387986.html (0.0.0.0) stored by archive.org.ua. It represents a snapshot of the page as of 2016-07-06. The original page over time could change.
དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་མཉམ་གནས་བྱ་མིན།

ངོ་འཕྲད་བདེ་བའི་དྲ་འབྲེལ།

  • གཞུང་དངོས་ལ་ཐད་བསྐྱོད།
  • དཀར་ཆག་ལ་ཐད་བསྐྱོད།
  • ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
  • Tibetan English
སྐད་ཡིག
འཛམ་གླིང་།

དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་མཉམ་གནས་བྱ་མིན།


  • ངོ་དེབ་ཐོག་ལ་འགྲེམ་སྤེལ།
  • ཌི་ཝི་ཌར་ཐོག་ལ་འགྲེམ་སྤེལ།
  • Google+ཐོག་ལ་འགྲེམ་སྤེལ།
  • དྲ་གྲོགས་ལ་གློག་འཕྲིན་གཏོང་བ།

དབྱིན་ཇིའི་སྲིད་བློན་གཙོས་སྲིད་དོན་པ་མང་དག་ཅིག་གིས་དབྱིན་ཇི་རྒྱལ་ཁབ་༢༨་ལས་གྲུབ་པའི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་སྔར་བཞིན་མཉམ་གནས་བྱ་དགོས་པའི་ལངས་ཕྱོགས་བཟུང་ཡོད་པ་དང་། རྒྱལ་ས་ལོན་ཌོན་གྱི་སྤྱི་ཁྱབ་ཟུར་པ་བྷོ་རི་སི་ཇཱོན་སན་གཙོས་དབྱིན་ཡུལ་གྱི་སྲིད་དོན་པ་ཁག་ཅིག་གིས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་ལངས་ཕྱོགས་བཟུང་སྟེ། སང་ཉིན་ཕྱི་ཟླ་༦་ཙེས་༢༣་ཉིན་མང་མོས་འོས་འདེམས་ཀྱི་ལམ་ནས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་སུ་སྔར་བཞིན་མཉམ་བྱ་དགོས་མིན་མི་མང་གིས་ཐག་གཅོད་བྱེད་ཀྱི་ཡོད་ཅིང་། སྲིད་བློན་ཁེམ་རོན་གྱིས་ང་ཚོ་གཤིན་པོའི་རོ་ཞིག་ལ་ལྕགས་སྒྲོག་གིས་བཏགས་ཡོད་པ་ཞིག་མིན། ཡུ་རོབ་མཉམ་འབྲེལ་གྱི་དཔལ་འབྱོར་སླར་གསོ་འབྱུང་བཞིན་པ་མཐོང་གསལ་ཡིན་པ་དང་། ཡུ་རོབ་མཉམ་འབྲེལ་འཛམ་གླིང་གི་རང་དབང་ཚོང་ར་ཆེ་ཤོས་དེ་ཡིན་ཞེས་རྩོད་པ་བརྒྱབ་རུང་། རྒྱལ་ས་ལོན་ཌོན་གྱི་སྤྱི་ཁྱབ་པ་ཟུར་པ་ཇཱོན་སན་གྱིས་ང་ཚོས་ཡུ་རོབ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་གྲོགས་པོ་ཚོར་འབྲེལ་བ་གསར་པ་ཞིག་འཛིན་པའི་དུས་ལ་སླེབས་ཡོད། ད་ལྟ་ང་ཚོས་དམངས་གཙོའི་ཆེད་དུ་སྐད་ཆ་བཤད་པའི་དུས་ཚོད་ཡིན། ཡུ་རོབ་པ་ས་ཡ་མང་པོ་ང་ཚོའི་ལྟ་ཚུལ་འདིར་མོས་མཐུན་ཡོད་པའི་རྣམ་པ་ཐོན་ཡོད་པ་དང་། ང་ཚོ་འཛིན་སྐྱོང་ཁུངས་མི་འཁྱོལ་པའི་ཡུ་རོབ་མཉམ་འབྲེལ་གྱི་ལམ་ལུགས་འོག་ནས་ཕྱི་ལ་འཐོན་པའི་དུས་ལ་བབས་ཡོད་ཅེས་ལས་འགུལ་སྤེལ་གྱི་ཡོད་པ་རེད།།

Back to top
XS
SM
MD
LG