དཔར་ཟིན་པ། (༠)
ཀུན་བཟང་སྒྲོལ་མ་ལགས་ཀྱིས་རྡེའུ་འབུམ་ཞེས་པའི་དེབ་ཅིག་དབྱིན་ཡིག་ནང་བྲིས་ཏེ་ལོ་སྔོན་མ་འགྲེམས་སྤེལ་བྱས་ཡོད་ཅིང་། དེབ་དེའི་ནང་དུ་མི་རྣམས་ཀྱིས་བོད་ནི་ཤམ་བྷ་ལ་ཞེས་ངོས་འཛིན་བྱེད་སྟངས་ཀྱི་ནོར་འཁྲུལ་ཅན་གྱི་བསམ་བློ་ཡིན་པ་ཤུགས་ལ་བསྟན་ཏེ། བོད་མིའི་སྤྱི་ཚོགས་ནི་མིའི་སྤྱི་ཚོགས་ཤིག་རང་ཡིན་པ་ར་སྤྲོད་བྱས་ཡོད། ཀུན་བཟང་ལགས་ཀྱིས་དུ་མོ་རང་གི་མི་ཚེའི་སྐོར་ཞིབ་འབྲི་བྱེད་པའི་རྡེའུ་འབུམ་ཞེས་པའི་དེབ་དང་དེབ་དེའི་ནང་གི་ཀུན་བཟང་སྒྲོལ་མའི་མི་ཚེའི་སྐོར་ལ་ཁ་བརྡ་བྱ་རྒྱུ་ཡིན།